དྲི་བ་འཆར་བཀོད།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་གཞི་རྩ་སྙིང་པོ་ནི་དྲི་བ་ཁག་དེ་རེད། དྲི་བ་དེ་དག་གིས་འོས་འཕེན་པ་ཚོར་གལ་ཆེའི་གནད་དོན་ཐད་ལ་འོས་མི་ཚོའི་བསམ་ཚུལ་སྟོན་གྱི་ཡོད་པ་རེད། ཆབ་སྲིད་ཀྱི་ཕྱོགས་རིས་མེད་པ་དེ་གལ་གནད་ཆེ་ལ། ང་ཚོའི་དྲི་བ་ཁག་གིས་ད་ལྟའི་གནས་སྐབས་ཀྱི་བགྲོ་གླེང་རྩོད་མ་འོངས་ཀྱི་དཀའ་རྙོག་སོགས་དང་འབྲེལ་ཡོད་གནད་དོན་མང་པོ་ཞིག་ཁ་གསལ་ངང་འདྲིས་ཡོད། ད་རེས་དྲི་བ་དེ་དག་འོས་བསྡུ་སྔོན་མའི་སྐབས་ཀྱི་དྲི་བའི་གོ་རིམ་ལ་གཞི་བཞག་ཏེ་ཞིབ་ཕྲའི་བསྐྱར་ཞིབ་དང་གསར་བཅོས་བྱས་ཡོད།
- མཉམ་ཞུགས་ཀྱི་གཞི་རྩ་ལ་གཞིགས་པ། རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཐོག་མར་འགོ་འཛུགས་སྐབས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོའི་བསམ་འཆར་དང་དྲི་བ་བསྡུ་རུབ་བྱས་ཡོད་པ་རེད། ལམ་འདིའི་བརྒྱུད་མི་མང་གི་ཐུགས་ཟབ་གནང་བའི་གནད་དོན་ཁག་ངོས་འཛིན་ཐུབ་པ་དང་སྤྱི་ཚོགས་དང་འབྲེལ་བ་ཡོད་པའི་དྲི་བ་་བཟོ་རྒྱུར་ཕན་པ་བྱུང་ཡོད།
- ལམ་ལུགས་རང་བཞིན་གྱི་བསྐྱར་ཞིབ་དང་བསྐྱར་བཅོས་བྱས་པ། དྲི་བ་ཆ་ཚང་ཁ་གསལ་ཡོད་མེད་དང་། སྐབས་དོན་དང་འབྲེལ་བ་ཡོད་མེད། ཆབ་སྲིད་ཀྱི་ཁྱད་པར་ངོས་འཛིན་ཐུབ་པར་ཕན་ཐོགས་ཡོད་མེད་ཀྱི་ཐད་བསྐྱར་ཞིབ་བྱས་ཡོད། དེ་བཞིན་དྲི་བ་ཁག་འགའ་ཤས་བསུབ་པ་དང་། གསར་བཅོས་བྱས་པ། ཡང་ན་ཚིག་སྦྱོར་བསྐྱར་བཅོས་བྱས་པ་མ་ཟད། བརྗོད་གཞིའི་ཞིབ་འཇུག་ལ་གཞི་བཅོལ་ནས་དྲི་བ་ཁ་ཤས་གསར་སྣོན་ཡང་བྱས་ཡོད།
- སློབ་སྟོན་ལྷན་ཚོགས་ཀྱི་བསམ་འཆར། སློབ་སྟོན་ལྷན་ཚོགས་ཀྱིས་ད་ལྟ་ཡོད་བཞིན་པའི་དྲི་བ་ཁག་ལ་བསམ་འཆར་བཏོན་པ་དང་། ཚུད་དགོས་པའི་བརྗོད་གཞི་གཞན་དག་ཀྱང་བསམ་འཆར་བཏོན་ཡོད། ཁོང་ཚོའི་བསམ་འཆར་གྱིས་ལྟ་ཚུལ་མི་འདྲ་བས་སྤྱི་ཚོགས་ཀྱི་སྐད་སྒྲ་ཡག་པོ་མཚོན་ཐུབ་པ་བྱེད་པར་ཕན་ཐོགས་ཡོད།
- རྩོམ་སྒྲིག་བརྒྱུད་རིམ། དྲི་བ་དེ་དག་རིམ་པ་མང་པོར་རྩོམ་སྒྲིག་བྱས་ཡོད། དེའི་འགན་ཁུར་དེ་ smartvote Tibet ལས་གཞི་ཚོགས་ཆུང་ཁོ་ནར་ཡོད།
- སྤུས་ཚད་ཚོད་འཛིན། ཚན་རིག་གི་དབྱེ་ཞིབ་དང་ Politools ཆར་མཉམ་ལས་བྱས་པའི་བརྒྱུད་ཐབས་ལམ་རིག་པའི་སྤུས་ཚད་འགན་ལེན་བྱས་ཡོད། བརྒྱུད་རིམ་འདི་དག་ལ་བརྟེན་ནས། རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱིས་འོས་འཕེན་པ་ཚོས་གནད་དོན་ལ་གཞི་བཅོལ་བའི་ཐོག་འདེམས་ཀ་བྱེད་པར་རོགས་རམ་དང་། བོད་པའི་སྤྱི་ཚོགས་ནང་གནད་དོན་ལ་དམིགས་པའི་དམངས་གཙོའི་གྲོས་བསྡུར་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཐོག་དྲང་བདེན་དང་། དོ་མཉམ། ཡིད་རྟོན་འཕེར་བའི་དྲི་བ་བཟོ་རྒྱུར་དམིགས་ཡོད་པ་རེད།
མཚུངས་བསྡུར།
འོས་མི་དང་འོས་འཕེན་པ་གཉིས་ཀས་ཆབ་སྲིད་ལངས་ཕྱོགས་སམ་ལན་རྣམས་མཚུངས་བསྡུར་བྱ་ཆེད་རྣམ་དཔྱོད་ལྡན་པའི་འོས་བསྡུ་ཡིས་ཡུཀླི་ཌའི་ལུགས་ཀྱི་ཐིག་རྩིས་ཀྱི་རྒྱང་ཚད་ལ་གཞི་བཞག་གིས་འཕྲུལ་སྤྱད་རྩིས་ལུགས་བེད་སྤྱོད་ཐབས་བྱེད་ཀྱི་ཡོད། གཤམ་དུ་ཁྱེད་ཀྱིས་མཚུངས་བསྡུར་འཕྲུལ་སྤྱད་རྩིས་ལུགས་གི་ངོ་སྤྲོད་ཞིབ་ཕྲ་བལྟ་ཐུབ།
ལངས་ཕྱོགས་མཚུངས་བསྡུར་བྱེད་སྟངས་བརྒྱུད་རིམ། (སྤྱོད་བདེའི་ཡིག་སྒྲོམ། PDF)སྡོམ་འཁོར་དབྱིབས་རིས།
རྣམ་སྤྱོད་ལྡན་པའི་བོད་མིའི་འོས་ཀྱི་དྲ་ཚིགས་ཐོག་སྡོམ་འཁོར་དབྱིབས་རིས་ཞིག་ཡོད་པ་དེར་མདའ་རྩེ་ལྔ་ཐམ་པ་ཡོད་པ་དང་རྩེ་རེ་རེར་བོད་མིའི་སྤྱི་ཚོགས་དང་འབྲེལ་བའི་གནད་དོན་ཁག་རེ་ཡོད་ལ། དེ་ཡང་འོས་འཕེན་པ་དང་འོས་མི་ཞིག་གི་གནད་དོན་དེ་དག་གི་ཐད་བསམ་ཚུལ་ཇི་ཙམ་མཐུན་མིན་སྡོམ་འཁོར་དབྱིབས་རིས་འདིས་སྟོན་ཐུབ་གྱི་ཡོད། གཤམ་དུ་དེ་ཇི་ལྟར་སྟོན་མིན་དང་དེ་འགྲེལ་བརྗོད་བྱེད་ལུགས་བཅས་ཞིབ་ཕྲ་ངོ་སྤྲོད་ཞུས་ཡོད།