རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཞེས་པ་ག་རེ་རེད། དེས་ལས་ཀ་གང་ལྟར་བྱེད་ཀྱི་ཡོད་དམ།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ནི་འོས་འཕེན་པ་ཚོས་སོ་སོའི་སྲིད་བྱུས་ཀྱི་ལངས་ཕྱོགས་དང་མཚུངས་པའི་འོས་མི་འཚོལ་རོགས་བྱེད་སའི་རང་དབང་ལྡན་པའི་དྲ་ཚིགས་ཤིག་རེད། དེ་ཡང་དྲ་ཚིགས་དེའི་ཐོག་འོས་འཕེན་པ་ཚོས་གལ་ཆེ་གནད་དོན་དང་འབྲེལ་བའི་དྲི་བ་ཁག་ལ་ལན་འདེབས་བྱེད་ནས་འོས་འཕེན་པ་ཚོས་རང་ཉིད་ཀྱི་བསམ་ཚུལ་དང་འོས་མི་ཚོའི་བསམ་ཚུལ་གཤིབ་བསྡུར་བྱེད་ཐུབ། དེ་བཞིན་དྲ་ཚིགས་འདིའི་བརྒྱུད་འོས་མི་ཚོའི་ཐད་ཀར་སྤྲད་པའི་གནས་ཚུལ་ཆ་ཚང་འོས་འཕེེན་པ་ཚོར་མཐོང་རྒྱུ་ཡོད་སྟབས། འོས་འཕེན་པ་ཚོར་སོ་སོའི་ལྟ་ཚུལ་བསམ་ཞིབ་བྱེད་རྒྱུ་དང་འོས་མི་སོ་སོའི་ལངས་ཕྱོགས་གང་ཡིན་པ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད། གཞི་རྩའི་རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་དམིགས་ཡུལ་དེ་འོས་འཕེན་པ་ཚོར་ཕྱོགས་གང་དུ་ཡང་དབང་སྒྱུར་བྱེད་རྒྱུ་དེ་མ་ཡིན་པར། འོས་འཕེན་པ་ཚོར་གནས་ཚུལ་ཆ་ཚང་ཤེས་རྟོགས་ཡོད་པའི་ཐོག་ནས་ཐག་གཅོད་གནང་བར་རྒྱབ་སྐྱོར་དང་། གནད་དོན་ལ་གཞི་བཅོལ་བའི་ཐོག་འོས་བསྡུའི་དྲིལ་བསྒྲགས་སྤེལ་རྒྱུ་དེ་ཡིན་པ་རེད། ཡང་རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་ལས་ཀ་བྱེད་སྟངས་སྐོར་ཤེས་འདོད་ཡོད་ན་ཐབས་ཚུལ་རིམ་པའི་ཆ་ཤས་དེར་གཟིགས་རོགས་གནང་།
དྲི་བ་དེ་དག་་ཇི་ལྟར་བཟོས་པ་ཡིན་ནམ།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་གྲུབ་ཆ་གཙོ་བོ་དེ་དྲི་བ་དེ་དག་ཡིན་པ་དང་། ང་ཚོའི་དྲི་བས་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་སུ་ཆབ་སྲིད་ཀྱི་འདོད་ཕྱོགས་ངོས་འཛིན་རྒྱུར་ཕན་ཐོགས་ཀྱི་ཡོད་པ་རེད་ལ། དྲི་བ་དེ་དག་སྤུས་ཚད་ཀྱི་ཚད་གཞི་མཐོ་བོ་ལ་བརྟེན་ནས་བཟོས་ཡོད། ཆབ་སྲིད་ཀྱི་ཕྱོགས་རིས་མེད་པ་དེ་གལ་གནད་ཆེ་ལ། ང་ཚོའི་དྲི་བ་ཁག་གིས་ད་ལྟའི་གནས་སྐབས་ཀྱི་བགྲོ་གླེང་རྩོད་མ་འོངས་ཀྱི་དཀའ་རྙོག་སོགས་དང་འབྲེལ་ཡོད་གནད་དོན་མང་པོ་ཞིག་ཁ་གསལ་ངང་འདྲིས་ཡོད། དེ་བཞིན་དྲི་བ་ཆ་ཚང་ཁ་གསལ་ཞིང་གོ་སླ་བའི་ངང་བཟོ་བཀོད་བྱས་ཡོད་པས་མི་མང་ཚང་མའི་ཆེད་གོ་བདེ་བོ་ཡོད། ང་ཚོའི་དྲི་བ་དེ་དག་ཇི་ལྟར་བཟོས་པ་ཤེས་འདོད་ཡོད་ན། ཐབས་ཚུལ་རིམ་པའི་ཆ་ཤས་དེར་གཟིགས་རོགས་གནང་།
- First, political neutrality is absolutely essential.
- Second, the questionnaire should include a broad spectrum of topics. At the same time, the questions should reflect current debates on the one hand, and future discussions which will become important in the upcoming years on the other.
- Finally, the questions need to be formulated in a clear and comprehensible way.
འོས་མི་ཚོའི་སྲིད་བྱུས་ལང་ཕྱོགས་དང་དྲི་བར་ལན་འདེབས་བྱེད་རྒྱུའི་བརྒྱུད་རིམ་དེ་གང་ལྟར་ཡིན་ནམ།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱིས་བོད་མིའི་འོས་བསྡུ་ཆེན་མོ་འགོ་མ་འཛུགས་གོང་འོས་བསྡུའི་ནང་མཉམ་ཞུགས་གནང་མཁན་གྱི་འོས་མི་ངོས་འཛིན་དང་ཁོང་རྣམ་པར་འབྲེལ་བ་གནང་སྟེ་ང་ཚོའི་དྲ་ཚིགས་ནང་ཡོད་པའི་དྲི་བ་ཁག་ལ་ལན་འདེབས་བྱེད་རྒྱུར་རེ་སྐུལ་ཞུས་ཀྱིས་ཡོད། དེ་ནས་མཉམ་བཞུགས་གནང་མཁན་གྱི་འོས་མི་ཚོའི་ཆེད་ང་ཚོའི་དྲ་ཚིགས་ཐོག་ཁོང་རྣམ་པའི་ལན་འདེབས་གནང་བ་རྣམས་མི་མང་གི་བལྟ་ཆོག་པ་བཟོས་ཏེ་འོས་འཕེན་པ་ཚོ་རང་ཉིད་ཀྱི་བསམ་ཚུལ་དང་མཐུན་པའི་འོས་མི་ངོས་འཛིན་ཐུབ་པ་བཟོས་ཀྱི་ཡོད།
ལན་འདེབས་བྱས་པའི་གྲུབ་འབྲས་ཇི་ལྟར་འཚོལ་གྱི་ཡོད་དམ།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་དྲ་ཚིགས་ཐོག་འོས་འཕེན་པ་དང་འོས་མི་ཚོ་གཉིས་ཀས་དྲི་བ་ཁག་གཅིག་པར་ལན་འདེབས་གནང་གི་ཡོད། དེ་ནས་དྲ་ཚིགས་འདིའི་ཐོག་ལན་ཁག་གཉིས་ཀ་ཨུ་ཁེ་ལི་ཌི་ཡན་བར་ཐག་གམ་༼Euclidean Distance༽ ཞེས་པའི་རྩིས་རིག་གི་མན་ངག་འདིའི་བརྒྱུད་བསྡུར་བཤེར་བྱེད་ཀྱི་ཡོད། དེའི་རྗེས་སུ་ང་ཚོའི་དྲ་ཚིགས་ཀྱིས་འོས་འཕེན་པ་རང་ཉིད་ཀྱི་ཆོལ་ཁའི་འོས་མི་ཚོ་དང་བསམ་ཚུལ་ཇི་ཙམ་མཐུན་མིན་གྱི་སྒོ་ནས་གོ་རིམ་པ་ཞིག་སྒྲིག་གི་ཡོད། དེ་ཡང་འོས་འཕེན་པ་དང་མང་ཤོས་མཐུན་མཁན་གྱི་འོས་མི་དེ་ཐོ་གཞུང་གི་ཐོག་མར་དོན་གྱི་ཡོད། འོས་འཕེན་པས་དྲི་བ་གང་མང་ལན་བསྐྱོན་ཚེ། མཚུངས་བསྡུར་གྱི་གྲུབ་འབྲས་དེ་ཙམ་སྤུས་ཀ་དག་ཏུ་ཡོང་ངེས་པར་འདོད། ཞིབ་ཕྲའི་གནས་ཚུལ་ཤེས་འདོད་ན་ཐབས་ཚུལ་རིམ་པའི་ཆ་ཤས་ལ་གཟིགས་རོགས་གནང་།
མཚུངས་བསྡུར་བྱས་པའི་བརྒྱ་ཆ་དེ་ཇི་ལྟར་འབྲེལ་བརྗོད་ཞུས་དགོས་སམ།
འོས་འཕེན་པ་དང་འོས་མི་ཞིག་གི་དྲི་བར་ལན་འདེབས་བྱེད་པ་དེ་ང་ཚོའི་དྲ་ཚིགས་ཀྱིས་མཚུངས་བསྡུར་བྱས་ཏེ་ཇི་ཙམ་མཐུན་མིན་སྟོན་གྱི་ཡོད་ལ། དེས་འོས་འཕེན་པ་ཚོར་གོ་བདེ་བར་ཡོང་སླད་རྒྱ་ཆའི་ཐོག་སྟོན་གྱི་ཡོད། འོན་ཀྱང་རྒྱ་ཆ་དེ་ཡིས་འོས་འཕེན་པ་དང་འོས་མི་ཞིག་གིས་ལན་གཅིག་པ་རྒྱག་པའི་ཆ་སྙོམ་དེ་མཚོན་གྱི་མེད་ལ། དེས་དྲི་བ་ཚང་མར་ལན་འདེབས་བྱས་པའི་སྤྱི་ཡོངས་ཀྱི་གནས་ཚུལ་མཐུན་ཚད་དེ་མཚོན་པར་འདོད། ཞིབ་ཕྲའི་གནས་ཚུལ་ཤེས་འདོད་ན་ཐབས་ཚུལ་རིམ་པའི་ཆ་ཤས་ལ་གཟིགས་རོགས་གནང་།
ངའི་དྲི་བར་ལན་འདེབས་བྱས་པ་དེ་དག་ཇི་ལྟར་ཉར་ཚགས་ཐུབ་ཀྱི་ཡོད་པ་དང་། དེ་དག་མ་འོངས་ཡང་བསྐྱར་བལྟ་དགོས་བྱུང་ན་གང་ལྟར་འཚོལ་དགོས་སམ།
ཁྱེད་རང་གི་ལན་འདེབས་གནང་བ་དེ་དག་ཁྱེད་རང་གི་གློག་ཀླད་འཕྲུལ་ཆས་རང་ལ་ཉར་ཚགས་ཆགས་ཀྱི་ཡོད་པ་དང་། ཁྱེད་ཀྱིས་འཚོལ་ཞིབ་མཉེན་ཆས་(browser)ཀྱི་མཛོད་ཁང་དེ་མ་བསུབས་བར་དྲ་ཚིགས་ཐོག་ཁྱེད་རང་གི་དྲི་བར་ལན་འདེབས་གནང་བའི་གྲུབ་འབྲས་དེ་གཟིགས་ཐུབ་པའམ་གསར་བཅོས་ཀྱང་གནང་ཐུབ་ཀྱི་ཡོད། གཞན་ཡང་ཁྱེད་རང་གི་གྲུབ་འབྲས་དེ་རང་གི་གློག་འཕྲིན་བརྒྱུད་ཐད་ཀར་ཡང་བསྐུར་ཐུབ་ཀྱི་ཡོད་པ་རེད།
སྡོམ་འཁོར་དབྱིབས་རིས་དེ་འགྲེལ་བརྗོད་ཇི་ལྟར་བྱ་དགོས་པ་དང་། དེའི་རྩིས་སྟངས་དེ་གང་ལྟར་བྱེད་ཀྱི་ཡོད་དམ།
སྡོམ་འཁོར་དབྱིབས་རིས་ནི་ཆབ་སྲིད་ཀྱི་གནས་སྟངས་མཚོན་པའི་མིག་མཐོང་གི་རྣམ་པར་སྟོན་པ་ཞིག་ཡིན། མདའ་ཕྱོགས་ལྔ་པོ་རེ་རེས་སྲིད་བྱུས་ཀྱི་གནད་དོན་གཙོ་བོ་རེ་རེ་་མཚོན་པ་ཡིན་ཏེ། དཔེར་ན། སྤྱི་ཚོགས་གུ་ཡངས་དང་ ཆབ་སྲིད་བཅོས་བསྒྱུར་ལྟ་བུ། མདའ་ཕྱོགས་རེ་རེ་ཡང་དྲི་ཤོག་ནང་གི་དྲི་བ་འགའ་ཤས་ལ་གཞིགས་ནས་བཟོས་པ་རེད། སྡོམ་འཁོར་གི་མཐའ་ཟུར་གྱི་གྲངས་ཚད་ ༡༠༠ ཡིས་མཚོན་དོན་ནི་། མདུན་ཕྱོགས་ཀྱི་དམིགས་ཡུལ་དེར་བློ་མཐུན་ཤུགས་ཆེ་ཡོད་པ་མཚོན་གྱི་ཡོད། དབུས་སུ་ཡོད་པའི་གྲངས་ཚད་༠ དེས་མོས་མཐུན་མེད་པ་མཚོན། འོས་མི་དང་འོས་འཕེན་མཁན་གྱི་སྡོམ་འཁོར་དབྱིབས་རིས་གཉིས་ཇི་ཙམ་མཉམ་འགྲིབ་བྱེད་པ་དེ་ཙམ་ཁོང་ཚོའི་བསམ་ཚུལ་འདྲ་བ་ཡོད་པ་མཚོན། རྒྱས་པར་ཤེས་འདོད་ན་ཐབས་ཚུལ་རིམ་པའི་ཆ་ཤས་དང་སྡོམ་འཁོར་དབྱིབས་རིས་ཤོག་ངོས་ལ་གཟིགས་རོགས།
འོས་མི་ཁག་ཅིག་གིས་དྲི་བར་ལན་འདེབས་བྱེད་མེད་པ་དེ་གང་ཡིན་པ་རེད།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་དྲ་ཚིགས་དེ་མི་མང་ལ་སྒོ་མ་ཕྱེ་གོང་འོས་མི་ཡོངས་ལ་མཉམ་ཞུགས་བྱེད་རྒྱུའི་རེ་སྐུལ་གནང་གི་ཡོད། འོན་ཀྱང་མཉམ་ཞུགས་བྱེད་མིན་དེ་འོས་མིའི་རྣམ་པའི་འདོད་པ་ཡིན་སྟབས་འོས་མི་ཚང་མས་དྲི་བར་ལན་འདེབས་གནང་གི་ཡོད་པ་ཁྱབ་ཀྱི་མེད། གཞན་ཡང་འོས་མི་རྣམས་འོས་བསྡུའི་ཉིན་མོ་བར་དུ་མཉམ་ཞུགས་གནང་ཆོག་གི་ཡོད་རེད་ལ། བརྒྱུད་རིམ་འདི་དག་ཕྱི་གསལ་ནང་གསལ་ཡོང་ཆེད་འོས་མི་མཉམ་ཞུགས་གནང་གི་ཡོད་མིན་ལ་མ་ལྟོས་པར་འོས་མི་ཚང་མའི་གཞི་རྩའི་གནས་ཚུལ་(མིང་དང་། ཆོལ་ཁ། ཆོས་བརྒྱུད།) སོགས་ཐོ་གཞུང་ནང་བཀོད་ཡོད།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་ལས་འཆར་འདི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཚོགས་པ། ཡང་ན་འོས་མི་སྒེར་གང་རུང་ཞིག་དང་འབྲེལ་བ་ཆགས་ཀྱི་ཡོད་དམ།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་ལས་འཆར་ནང་མཉམ་བཞུགས་ཡོད་མཁན་གྱི་མི་སྒེར་དང་ཚོགས་པ་ཁག་དཔེར་ན་དམངས་གཙོའི་ལས་འཆར་དང་ Politools རྣམས་ཕྱོགས་ལྷུང་མེད་པ་དང་ཁེ་མེད་པའི་ཚོགས་པ་ཤ་སྟག་ཞིག་ཡིན་པ་རེད།