ང་ཚོ་སུ་རེད་དམ།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་བསྡུ་འདི་ནི་"དམངས་གཙོའི་ལས་འཆར་"ཡིན་པ་དང་། འདི་ནི་ཆབ་སྲིད་ཚན་རིག་དང་། བྱུང་རབས། སེམས་ཁམས་རིག་པ། འཕྲུལ་རིགས། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་བཅས་ཀྱི་ཤེས་ཡོན་གྱི་རྒྱབ་ལྗོངས་ཡོད་པའི་བོད་མི་ཁག་ཅིག་གིས་མཉམ་འདུས་ཀྱི་ལས་གཞི་ཞིག་ཡིན། ཐོག་མར་ཕྱི་ལོ་ ༢༠༠༣ ལོར་སུད་སི་ནང་གི་པོ་ལི་ཊུལ་སི་ཡིས་བཟོ་སྐྲུན་བྱས་པའི་རྣམ་དཔྱོད་ལྡན་པའི་འོས་བསྡུའི་བྱ་རིམ་འདི་བཞིན་ང་ཚོའི་གནས་སྟངས་ལ་རན་པའི་སྒོ་ནས་བཅོས་སྒྲིག་གིས་བསྐྲུན་པའི་ལྡིངས་ཆ་ཞིག་ཡིན་པ་དང་། རྣམ་དཔྱོད་ལྡན་པའི་འོས་བསྡུའི་བྱེད་བབ་འདིའི་ཐོག་ནས་སུད་སི་ནང་གི་མངའ་སྡེ་དང་རྒྱལ་ཡོངས་འོས་བསྡུའི་ཐོག་ལག་བསྟར་བྱས་ཡོད། དེ་བཞིན་ཨོ་སི་ཀྲོ་ལི་ཡ་དང་། ལག་སེམ་སྦག ཨོ་སི་ཀྲི་ཡ། སི་ཀོ་ཊི་ལེན་ཌ། ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་འོས་བསྡུ་བྱེད་པར་ཡང་ལག་བསྟར་བྱས་ཡོད།
དམངས་གཙོའི་ལས་འཆར།
དམངས་གཙོའི་ལས་འཆར་ཞེས་པ་འདི་ནི་ཆབ་སྲིད་ཚན་རིག་དང་། ལོ་རྒྱུས་བྱུང་རབས། སེམས་ཁམས་རིག་པ། འཕྲུལ་རིགས། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་བཅས་ཀྱི་ཤེས་ཡོན་གྱི་རྒྱབ་ལྗོངས་ཡོད་པའི་བོད་མི་ཁག་ཅིག་གིས་མཉམ་འདུས་ཀྱི་ལས་གཞི་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། དེས་རང་དབང་ཅན་དང་། ཕྱོགས་ལྷུང་མེད་པ། ཁེ་མེད་ཚོགས་པའི་ངོ་བོར་གནས་ཡོད་པ་ཞིག་ཡིན། ང་ཚོའི་དམིགས་ཡུལ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དམངས་གཙོའི་མཉམ་ཞུགས་དང་སྤྱི་ཚོགས་ཤེས་ཡོན། མི་མང་ནང་བགྲོ་གླེང་ཤུགས་ཆེ་རུ་གཏོང་བ་དེ་ཡིན་ལ། དེ་ཡང་ང་ཚོའི་ལས་འཆར་འདིའི་བརྒྱུད་འོས་བསྡུའི་སྐབས་བོད་མི་ཚོའི་རང་ཉིད་ཀྱི་འོས་མི་འོས་འདེམས་བྱེད་སྐབས་གནད་དོན་འདྲ་མིན་ཐད་ལ་འོས་མིའི་བསམ་ཚུལ་་ཁ་གསལ་ཐོག་ཤེས་ཞིང་། བསམ་ཚུལ་མཐུན་མིན་ལ་གཞིགས་ནས་ཐག་གཅོད་བྱེད་དགོས་པ་སྤེལ་རྒྱུ་དེ་རེད།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་ལས་འཆར་གྱི་ཚོགས་མི།
འབུམ་རམ་པ་བསོད་ནམས་དཔལ་མོ་སྦུ་རུན་ནར་ལགས་ནི་ཆབ་སྲིད་ཚན་རིག་པ་ཞིག་དང་ཛུ་རིག་གཙུག་ལག་སློབ་ཆེན་ནང་རིག་གཅིག་རྐང་འཛིན་མཐར་ཕྱིན་ཉམས་ཞིབ་པ་ཞིག་ཡིན། ཁོ་མོའི་ཉམས་ཞིབ་གཙོ་བོ་དེ་དམངས་གཙོ་དང་། གཞུང་གི་འཛིན་སྐྱོང་། སྤྱི་ཚོགས་ལས་འགུལ། མི་རིགས་ངོ་བོ། རྒྱལ་སྤྱིའི་གནད་དོན་ལྷག་པར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སོགས་ཀྱི་ཐད་ལ་གནང་གི་ཡོད། ཁོ་མོ་སྨན་ཞབས་ཀྱི་བསླབ་པ་མཐར་སོན་ཡོད་པ་དང་། ཁོང་གིས་མང་ཚོགས་ཀྱི་འཕྲོད་བསྟེན་ཞིབ་འཇུག་གི་ལས་གཞི་ཁག་འདྲ་མིན་ཐོག་ཕྱག་ལས་གནང་མྱོང་། མ་ཟད་སློབ་སྦྱོང་གི་ལས་དོན་དང་ལྷན་དུ་སྤྱི་ཚོགས་ནང་མི་མང་གི་མཉམ་བཞུགས་སྤེལ་བའི་སྤྱི་ཚོགས་ལས་འགུལ་ཁག་ནང་མཉམ་བཞུགས་ལྷུགས་པོ་གནང་གི་ཡོད་པ་རེད།
ཉིན་ཟླ་ཚང་ཡེ་ཤེས་དེའུ་སྶི་ལགས་ནི་ཛུ་རིག་གཙུག་ལག་སློབ་ཆེན་ནས་སྤྱི་ཚོགས་དང་ཚོང་ལས་ཐོག་བསམ་བློའི་ཚན་རིག་ཐོག་གཙུག་ལག་རབ་འབྱམས་སློབ་ཐོན་དང་། ཁོང་མོས་ཏར་འཕྲིན་སོགས་ཀྱི་འབྲེལ་ལམ་དང་དྲྭ་ཐོག་ཚོང་ལས་ (Telecom and eCommerce) ཀྱི་ནང་དུ་མིའི་ནུས་ཁུངས་ཀྱི་ཁྱད་ལས་པའི་ངོ་བོའི་ཐོག་ནས་ལས་ཀ་བྱས་མྱོང་ཡོད། ད་ཆ་སུད་སི་ནང་གི་སེན་ཊེ་གཱ་ལེན་གཙུག་ལག་སློབ་ཆེན་ནང་འཛིན་སྐྱོང་ཐོག་ཉེ་བའི་འབུམ་རམ་པའི་སློབ་གཉེར་བྱེད་མུས་དང་གཙུག་ལག་སློབ་གྲྭའི་ནང་ཚོགས་སྡེ་ནང་ཁུལ་ཡིད་ཆེས་མི་བྱེད་དོན་གྱི་རྒྱུ་རྐྱེན་ཇི་ཡིན་སོགས་ཀྱི་སྐོར་ལ་ཉམས་ཞིབ་བྱེད་བཞིན་ཡོད།
བདེ་ཆེན་སྤེན་པ་ལགས་ནི་དབྱིན་ཡུལ་དུ་སྐྱེས་འཚར་བྱུང་བའི་བོད་པ་ཞིག་ཡིན། ཁོང་ནི་ལོན་ཌོན་གྱི་གཙུག་ལག་སློབ་གྲྭ་ནས་ཨིན་སྐད་དང་འཇར་མེན་སྐད་ཡིག་ཐོག་རྩོམ་བྲིས་རིག་པའི་ཐོག་སློབ་ཐོན་སོན་པ་དང་། ལོ་ཤས་རིང་སྦར་ལེན་དུ་བོད་དོན་ཐོག་ཞུ་གཏུགས་གཙོ་བཟུང་ལས་འགུལ་སྤེལ་རྒྱུའི་ལས་ཀ་བྱས་ཡོད། དེ་རྗེས་ཕྱི་ལོ་ ༢༠༠༦ ནས་ ༢༠༠༨ བར་ལོ་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ལོ་གཉིས་བསྡད་ཡོད། ལོན་ཌོན་ནང་ཡོད་ (School of Oriental and African Studies) ནས་རྒྱ་སྐད་ཐོག་རབ་འབྱམས་པའི་ལག་ཁྱེར་སློབ་ཐོན་བྱས་རྗེས་ལོན་ཌོན་དུ་བཅའ་སྡོད་ཀྱིས་རི་མཐོ་ས་གཙང་ཞེས་པའི་དྲྭ་རྒྱའི་ཐོག་ལས་ཀ་བྱས་ཡོད། དྲྭ་རྒྱ་དེས་བོད་དོན་དང་འབྲེལ་བའི་དྲྭ་གནས་ཁག་ཏུ་ཐོན་པའི་གནས་ཚུལ་སོགས་ཨིན་བསྒྱུར་བྱེད་ཀྱི་ཡོད། དེ་བཞིན་བདེ་ཆེན་སྤེན་པ་ལགས་ཀྱིས་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་ཉམས་ཞིབ་པ་དང་སློབ་སྟོན་པ་ཡང་བྱེད་བཞིན་ཡོད།
བསྟན་འཛིན་ཚེ་སྒྲོན་ནི་ཛུ་རིག་ལག་སློབ་གྲྭ་ཆེན་མོ་ནས་ཆབ་སྲིད་ཚན་རིག་གི་གཙུག་ལག་རམས་འབྱམས་ཀྱི་སློབ་སྦྱོང་གནང་ཡོད་པ་དང་། Essex གཙུག་ལག་སློབ་གྲྭ་ཆེན་མོ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐོར་གཙུག་ལག་རམས་འབྱམས་ཀྱི་བསླབ་པ་མཐར་སོན་ཡོད་པ་རེད། ཁོ་མོས་ལས་ཀའི་ནང་འགྲོ་བ་མིའི་ཐོབ་ཐབ་དང་། འཕྲོད་བསྟེན་གྱི་ཐོབ་ཐང་ཚན་པ། མནར་གཅོད་སྔོན་འགོག་ལ་སོགས་ཀྱི་ལམ་སྟོན་པ་དང་ལས་འཆར་འགན་འཛིན་པ། མ་ཟད་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་ཁབ་མེད་པའི་དཀའ་སྡུག་སྐོར་གྱི་ཉམས་ཞིབ་དང་སྲིད་བྱུས་སློབ་སྟོན་པ་བཅས་ཀྱི་ཉམས་མྱོང་ཡོད་འདུག་ལ། ཁོ་མོ་ལ་ཁྲིམས་ལུགས་ཉམས་ཞིབ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཉམས་ཞིབ། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པའི་མི་ཚོ་དང་མཉམ་ལས་བཅས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་འདུག
བསྟན་འཛིན་སེ་ལྦོ་ནི་ཆབ་སྲིད་ཚན་རིག་པ་ཞིག་ཡིན་པ་དང་། སྔོན་ཆད་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་ཉེ་བའི་ལས་རོགས་ཀྱང་གནང་མྱོང་། ད་ལྟ་ཁོང་ནི་སུད་སི་རུ་རྟེན་གཞི་བྱས་པའི་༸གོང་ས་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩའི་འགན་འཛིན་གཞོན་པའི་ལས་གནས་ཐོག་ཕྱག་ལས་གནང་བཞིན་ཡོད་། བོད་དོན་ཐོག་ལ་ཕྱག་ལས་མ་གནང་གོང་། ཁོང་གིས་སུད་སིའི་མ་རྐང་བརྗེ་སྒྱུར་ཁང་གི་དྲ་རྒྱའི་ཞབས་ཞུའི་སྡེ་ཚན་ནང་ཕྱག་ལས་གནང་མྱོང་ཡོད་པ་དང་། ཆེད་ལས་ཀྱི་ལས་ཀ་དང་མཉམ་དུ་ཡུ་རོབ་ཀྱི་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡང་གནང་མྱོང་།
ཤེལ་དཀར་དོན་གྲུབ་ལགས་ནི་ཛུ་རིཀ་ནང་སྒྱུ་རྩལ་གཙུག་ལག་སློབ་ཆེན་ནས་འབྲེལ་མཐུད་བཟོ་བཀོད་ (Design) ཐོག་སློབ་སྦྱོང་གནང་ཡོད། ཁོང་གིས་བཟོ་བཀོད་ཚོང་ལས་སྡེ་ཚན་ཞིག་མཉམ་འཛུགས་པ་གནང་ཡོད་པ་དང་། ཕོར་ཅུན་ ༥༠༠ (Fortune 500) ཀྱི་སྡེ་ཚན་ཞིག་གི་ནང་བཟོ་བཀོད་གི་སྣེ་ཁྲིད་གནང་ཡོད་ལ། ད་ལྟ་ཁོང་གིས་ Proton ནང་གི་སྒེར་གྱི་གསང་དོན་ལ་དམིགས་པའི་ཐོན་རྫས་བཟོ་བཞིན་ཡོད།
བསྟན་འཛིན་རྣམ་དག་གིས་དཔལ་འབྱོར་རིག་པ་སློབ་གཉེར་བྱས་པ་དང་། ད་ལྟ་སུད་སི་ཡི་སི་ཊི་དངུལ་ཁང་ནང་མཉེན་ཆས་དཔྱད་ཞིབ་པ་ཞིག་གི་ཕྱག་ལས་གནང་བཞིན་ཡོད།
འཆི་མེད་ལྷ་མོ་ལགས་ནི་ལས་འགུལ་འབྲེལ་མཐུད་པའི་ལས་དོན་ཐོག་ལོ་ངོ་བཅུ་ཙམ་གྱི་ཉམས་མྱོང་ལྡན་པའི་སྤྱི་ཚོགས་གོ་སྒྲིག་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་འཛམ་གླིང་རང་དབང་ཚོགས་ཆེན་གྱི་འགོ་ཁྲིད་ལྷན་ཚོགས་ནང་རང་དབང་གི་དོན་དུ་ལས་ཀ་བྱེད་བཞིན་ཡོད། དེ་སྔོན་ཁོ་མོ་རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་དང་། ༢༠༢༤ ལོའི་འགྲོ་བ་མིའི་ཐོབ་ཐང་གི་ཐེབ་རྩའི་ Freedom fellow འམ་ལོ་གཅིག་རིང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སློབ་སྦྱོང་ཕུལ་རྒྱུའི་མཐུན་རྐྱེན་བཞེས་མཁན་དེ་ཡང་རེད་འདུག
བསྟན་འཛིན་འོད་ལྡན་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་བུད་མེད་ཀྱི་ཤྲི་རམ་མཐོ་སློབ་ནས་གསར་འགོད་རིག་པའི་ཐོག་སློབ་གཉེར་གྱི་བསླབ་པ་མཐར་སོན་པ་དང་། ད་ལྟའི་ཆར་ཆབ་སྲིད་ཚན་རིག་ཐོག་སློབ་གཉེར་བྱེད་བཞིན་ཡོད་པ་མ་ཟད། ཧྥ་རན་སིའི་གསར་འགྱུར་ཁང་གི་ཆེད་ལས་གསར་འགོད་པ་ཞིག་གི་ངོ་བོའི་ཐོག་ནས་རང་དབང་གི་ལས་ཀ་བྱེད་བཞིན་ཡོད་འདུག ཁོང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནང་ལས་ཀ་བྱེད་པའི་ཉམས་མྱོང་ཡང་ཡོད།
བློ་གྲོས་ཆོས་འཛོམས་ནི་ JSS སྨན་སྦྱོར་མཐོ་སློབ་ནས་སྨན་རྫས་ཚན་རིག་གི་གཙུག་ལག་རམས་འབྱམས་ཀྱི་སློབ་མཐར་ཕྱིན། ཁོ་མོས་བྷེང་ལོར་བརྟན་གཞི་བྱས་པའི་འཕྲོད་བསྟེན་གྱི་ཁྲོམ་རའི་ཞིབ་འཇུག་ཀམ་པ་ཎི་སྡེ་ཚན་ཞིག་ཏུ་ལས་འཆར་འགན་འཛིན་གཞོན་པ་ཞིག་གི་ལས་ཀ་བྱས་མྱོང་ཡོད་ལ། ད་ལྟ་རྒྱ་གར་གྱི་སྤྱི་ཚོགས་ནང་བུད་མེད་ལ་མནར་སྤྱོད་བྱེད་པའི་གནད་དོན་ཐག་གཅོད་བྱེད་པར་དམིགས་པའི་འགྲོ་བ་མིའི་ཐོབ་ཐང་གི་ལས་གཞི་ཞིག་གི་ཆ་ཤས་སུ་ཞིབ་འཇུག་ལས་རོགས་ཀྱི་ལས་ཀ་བྱེད་བཞིན་ཡོད།
༼རྣམ་དཔྱོད་ལྡན་པའི་བོད་མིའི་འོས།༽ཀྱི་སློབ་སྟོན་པའི་མཚན་ག༷ཞུང་།
ཆོས་ཉིད་འོད་ཟེར། བོད་ཀྱི་བང་ཆེན་གསར་ཁང་གི་རྩོམ་སྒྲིག་ཟུར་པ།
འཇམ་དབྱངས་ཕུན་ཚོགས་ལགས་ནི་བོད་ཀྱི་གློག་བརྙན་གྱི་རྩོམ་པ་པོ་དང་གློག་བརྙན་བཟོ་སྐྲུན་པ་ཞིག་ཡིན། ཁོང་གིས་བོད་སྐད་ཐོག་གླེང་མོལ་གྱི་ལེ་ཚན་འཁྱལ་གཏམ་ཞེས་པ་ཞིག་མཉམ་སྒྲིག་བྱེད་ཀྱི་ཡོད་པ་དང་བོད་ཀྱི་རྩོམ་རིག་ཚོགས་པ་ཝ་སུར་གྱི་མཉམ་འཛུགས་པ་ཞིག་ཀྱང་ཡིན།
དགེ་བཤེས་ལྷག་རྡོར། ད་ལྟའི་ཆར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་ཡིན། ཁོང་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨིན་སྐད་གསུང་བསྒྱུར་ཞབས་ཞུ་བ་ཟུར་པ་དང་། དེ་བཞིན་༧གོང་ས་མཆོག་དང་ལྷན་དུ་ནང་ཆོས་ཀྱི་དཔེ་དེབ་འགའ་ཤས་རྩོམ་སྒྲིག་ཕྱག་རོགས་ཞུས་ཡོད།
འབུམ་རམ་པ་ནམ་རི་དགྲ་རྒྱབ་ལགས་ནི་དཔལ་འབྱོར་རིག་པ་བ་ཞིག་ཡིན་པ་དང་། འཇར་མན་གྱི་བྷོན་གཙུག་ལག་སློབ་གཉེར་ཁང་དུ་དགོན་པའི་དཔལ་འབྱོར་རིག་པའི་སྐོར་ལ་འབུམ་རམས་པའི་ཞིབ་འཇུག་བྱས་མྱོང་ཡོད་ལ། ཁོང་ནི་སྔོན་ཆད་ཚོང་པའི་ཁེ་ལས་པ་ཞིག་ཀྱང་ཡིན་འདུག དངོས་རྫས་དོ་དམ་གྱི་ཆེད་ལས་མཁས་པ་ཞིག་ཡིན་པའི་ཆ་ནས། ཁོང་རང་ཉིད་ཀྱི་ཆེད་ལས་ཉམས་མྱོང་དང་བོད་དོན་ལ་ལྷག་བསམ་ཡོད་པའི་ཐོག་ད་དབར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པ་དང་བོད་ཁང་རིག་གཞུང་ཐེབས་རྩ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བྱས་གནང་བ། མ་ཟད་དབྱིན་སྐད་ཐོག་གླེང་མོལ་ལེ་ཚན་ཕྱི་བོད་ནས་ཞེས་པ་ཞིག་གཙོ་སྐྱོང་བྱས་ཏེ་བོད་མིའི་སྐད་སྒྲ་ཆེ་རུ་གཏོང་གནད་མྱོང་ཡོད་པ་རེད།
དགའ་གདོང་བསྟན་འཛིན་དབང་གྲགས། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་ཟུར་པ།
འབུམ་རམ་པ་བསྟན་འཛིན་དབང་མོ། སུད་སི་ནང་ཡོད་སྦཱ་སེལ་གཙུག་ལག་སློབ་ཆེན་ནང་ནི་སྐྱེ་དངོས་གསོ་རིག་གི་ལེགས་ཉེས་དཔྱད་གཞི་ཁང་གི་གཙུག་ལག་སློབ་དཔོན་ཡིན།
འབུམ་རམ་པ་སྡོམ་པ་ཚེ་རིང་དབང་མོ། ཨ་རིའི་ནང་ཡོད་ཝི་ལཱ་ནོ་བ་གཙུག་ལག་སློབ་ཆེན་གྱི་ཨིན་སྐད་སྡེ་ཚན་གྱི་སློབ་དཔོན་གྱི་ལས་རོགས་ཡིན་པ་དང་། ཨིན་སྐད་ཐོག་སྙན་རྩོམ་གྱི་དཔེ་དེབ་པར་འགྲེམས་བྱེད་མཁན་བོད་པའི་བུད་མེད་ཐོག་མ་དེ་ཡང་ཡིན།
རྣམ་དཔྱོད་ལྡན་པའི་འོས།
- Michael Erneཕྱིར་གྲུབ་འབྲས་ལ་གཟིགས།
- Jan Fivazའགོ་འཛུགས་བྱེད་མཁན།
- Daniel Schwarzའགོ་འཛུགས་བྱེད་མཁན།
- Albert Waaijenbergདྲྭ་རྒྱའི་ཇུས་འགོད།
རྣམ་དཔྱོད་ལྡན་པའི་འོས་བསྡུ་ནི། སུད་སི་ཡི་འོས་བསྡུའི་བྱེད་ཕྱོགས་ལམ་སྟོན་མཉེན་ཆས་ཤིག་ཡིན་པ་དང་། དེ་ཆབ་སྲིད་ཀྱི་ལངས་ཕྱོགས་བར་གནས་འཛིན་མཁན་ཁེ་མེད་ཀྱི་ཚོགས་པ་ཞིག་གིས་བཟོ་སྐྲུན་དང་སྟངས་འཛིན་བྱེད་བཞིན་ཡོད། པོ་ལི་ཊུལ་སི་ནི་སུད་སིའི་རྒྱལ་ས་སྦེན་དུ་བརྟེན་གཞི་བྱས་པའི་སྒྲིག་ཁྲིམས་དམ་བཟུང་བྱེད་མཁན་གྱི་ཚན་རྩལ་འབྲེལ་ལས་ཞིག་ཡིན། ཚོགས་པ་དེས་དྲྭ་རྒྱ་བརྒྱུད་ནས་བཟང་སྤྱོད་ཀྱི་ཤེས་ཡོན་དང་། སྲིད་དོན་གྱི་ལས་དོན་ཁག་ཕྱི་གསལ་ནང་གསལ་བཟོ་རྒྱུ་མ་ཟད། ཆབ་སྲིད་ཐོག་དཔྱད་བསྡུར་སྤེལ་གྱི་ཡོད། ཕྱི་ལོ་ ༢༠༠༣ ནས་བཟུང་རྣམ་དཔྱོད་ལྡན་པའི་འོས་བསྡུ་བྱེད་ཕྱོགས་འདིས་བརྒྱུད་སུད་སི་ཐེ་བའི་འཛམ་གླིང་ཁྱོན་ཡོངས་ནང་གི་འོས་བསྡུ་གྲངས་ ༢༥༠ བརྒལ་བའི་ཐོག་འོས་འཕེན་མཁན་ཚོར་གནས་ཚུལ་རྒྱུས་སྟོན་བྱས་ཡོད།
ཛེ་ལན་ཝརྐ་ནི་སུད་སི་རྒྱལ་སྦེན་ནང་རྟེན་གཞི་བྱས་པའི་ཆ་འཕྲིན་ལག་རྩལ་གྱི་བཟོ་གྲྭ་ཞིག་ཡིན་པ་དང་། དེས་འཆར་སྒོ་དང་། ཁང་བཀོད་བཟོ་རིག དེ་བཞིན་དམིགས་དཀར་བའི་ཚད་མཐོའི་འཕྲུལ་རིག་དང་དྲྭ་རྒྱའི་མཉེན་ཆས་དེ་འདྲ་བཟོ་བཞིན་ཡོད། ཛེ་ལན་ཝརྐ་(དེ་སྔ་སུམ་ཨི་ཊ་ཟེར་གྱི་ཡོད།)དེ་བཞིན་པོ་ལི་ཊུལ་སི་ཡིའི་འཕྲུལ་རྩལ་མཉམ་ལས་བྱེད་མཁན་གཙོ་བོ་དེ་ཡིན་པ་དང་། དེས་ཕྱི་ལོ་ ༢༠༡༤ ནས་བཟུང་རྣམ་དཔྱོད་ལྡན་པའི་འོས་བསྡུའི་དྲྭ་ཐོག་ལྡིངས་ཆ་བསྐྲུན་རྒྱུའི་ཐོག་མཉམ་རུབ་བྱས་ཡོད།