དྲི་བ། 1/34
1. "བོད་མིའི་སྒྲིག་འཛུགས་ཀྱིས་སྲོལ་རྒྱུན་སྒྱུ་རྩལ་དང་ཆབས་ཅིག་བོད་ཀྱི་དེང་རབས་སྒྱུ་རྩལ་ཐོག་ལའང་རྒྱབ་སྐྱོར་གནང་དགོས་སམ། ...
2. ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུས་གནས་ཡུལ་རྒྱབ་ཁབ་ཀྱི་ཡུལ་སྐད་ལས་བོད་ཀྱི་སྐད་ཡིག་སྦྱོང་རྒྱུ་དེ་གལ་ཆེ་བར་བརྩི་དགོས་སམ།
3. བོད་མི་ཞིག་ཏུ་ངོས་འཛིན་བྱེད་པར་བོད་སྐད་ངེས་པར་དུ་རྒྱག་དགོས་པར་བསམ་གྱི་ཡོད་དམ།
4. བོད་པའི་དུས་ཆེན་ཁག་སྟེ་དཔེར་ན་༧སྐུའི་འཁྲུངས་སྐར་དང་། གསུམ་བཅུའི་དུས་དྲན། ཆོས་ཕྱོགས་ཀྱི་མཛད་སྒོ་སོགས་ལ་བོད་མི་ཚོས་བོད་ཆས་གྱོན་དགོས་པར་བསམ་གྱི་ཡོད་དམ།
5. བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་ཡིག་ཆ་དང་གྲོས་ཚོགས་ཀྱི་ལས་རིམ་ཁག་ཆ་ཚང་ཡིག་བསྒྱུར་དང་འོག་མཆན་བཀོད་པའི་ཐོག་དབྱིན་ཡིག་ནང་ལོངས་སྤྱོད་ཐུབ་པ་བཟོ་དགོས་སམ།
6. གཞོན་སྐྱེས་ཚོས་མཉམ་ཞུགས་མང་བ་ཡོང་ཆེད་སྤྱི་འཐུས་ཀྱི་འོས་ཆོས་སུ་རང་ལོ་ ༢༥ དང་སྲིད་སྐྱོང་གི་འོས་ཆོས་སུ་རང་ལོ་ ༣༥ ཧྲིལ་པོ་ལོན་དགོས་པའི་ལོ་ཚད་དེ་དག་དམའ་རུ་གཏོང་དགོས་སམ།
7. གྲྭ་བཙུན་སྔགས་གསུམ་ལ་རང་ཉིད་ཀྱི་ཆོལ་ཁོངས་དང་ཆོས་བརྒྱུད་བཅས་འོས་ཤོག་གཉིས་འཕེན་རྒྱུའི་ཐོབ་ཐང་ཡོད། འོས་འཕེན་གྱི་ལམ་སྲོལ་དེ་མུ་མཐུད་རྒྱུན་སྐྱོང་དགོས་པར་བསམ་གྱི་ཡོད་དམ།
8. བཙན་བྱོལ་བོད་མིའི་ཆ་ཤས་ཕྱེད་ཀ་ལྷག་ད་ལྟ་རྒྱ་བལ་འབྲུག་གསུམ་ཀྱི་ཕྱི་རོལ་དུ་གནས་སྡོད་བྱེད་བཞིན་པའི་གནས་སྟངས་དེར་གཞིགས་ནས། སྤྱི་འཐུས་ཀྱི་ཆ་བགོས་གྲངས་འབོར་ལ་འགྱུར་བ་གཏོང་དགོས་པར་བསམ་གྱི་ཡོད་དམ།
9. འོས་བསྡུའི་སྐབས་སུ་བཙན་བྱོལ་ནང་གི་ཚོགས་སྡེ་ཁག་སྟེ། ཆོལ་ཁའི་སྒྲིག་འཛུགས་དང་། ཆོས་བརྒྱུད་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་། རྒྱབ་སྐྱོར་གསལ་བསྒྲགས་རིགས་བྱེད་མི་ཆོག་པའི་བཀག་རྒྱ་དེ་མུ་མཐུད་གནས་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ།
10. དྭང་བླངས་དཔྱ་དངུལ་འབུལ་འབབ་ཕུལ་ཡོད་མིན་ལ་མ་ལྟོས་པར་བོད་མི་ཚང་མར་འོས་འཕེན་རྒྱུའི་ཐོབ་ཐང་དགོས་པར་མོས་མཐུན་བྱེད་ཀྱི་ཡོད་དམ།
11. བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དཔལ་འབྱོར་གྱི་གནས་བབ་ཞན་པ་ཚོས་སྨན་བཅོས་བསྟེན་གཏུགས་ཐུབ་ཆེད་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་རྒྱ་སྐྱེད་ཆེ་རུ་གཏོང་དགོས་སམ། ...
12. བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སེམས་ཁམས་འཕྲོད་བསྟེན་དེ་ལུས་ཀྱི་འཕྲོད་བསྟེན་ལྟར་གལ་གནད་གཅིག་གྱུར་འཛིན་པའི་ཐོག་སྲིད་བྱུས་དང་འགྲོ་གྲོན་ལག་བསྟར་གནང་དགོས་ཀྱི་ཡོད་དམ། ༼ཕྱོགས་གཅིག་གི་ཐད་ལ་འགྲོ་གྲོན་མང་རུ་གཏོང་བ་དེས་ཕྱོགས་གཞན་གྱི་འགྲོ་གྲོན་ཉུང་རུ་ཆགས་སྲིད་པའི་གནས་སྟངས་ལ་དགོངས་འཇགས་ཞུ།༽
13. བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མྱོས་རྫས་ངན་གོམས་ལ་གདོང་ལེན་བྱེད་ཆེད་རིན་མེད་རོགས་སྐྱོར་གནང་དགོས་སམ། ...
14. བོང་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་དང་བལ་ཡུལ་གཉིས་ནང་དམིགས་བསལ་དགོས་མཁོ་ཅན་གྱི་ཕྲུ་གུའི་ནང་མི་ཚོར་དམིགས་བསལ་མཐུན་རྐྱེན་སྦྱོར་སྤྲོད་དགོས་སམ། ...
15. བོད་མིའི་སྒྲིག་འཛུགས་ཀྱིས་མང་ཚོགས་བརྒྱུད་ལམ་གྱི་ཁོར་ཡུག་ཐད་ལ་འཕྲུལ་རིགས་ཡང་ན་ཌི་ཇི་ཊལ་ཤེས་ཡོན་སྤེལ་བ་དང་། བདེན་མིན་གྱི་གནས་ཚུལ་ཁྱབ་སྤེལ་ལ་ཁ་གཏད། རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་རོགས་རམ་བྱེད་པ་བཅས་ཀྱི་ཐོག་འགྲོ་གྲོན་མང་དུ་གཏོང་དགོས་སམ། ...
16. ཕྱིའི་རོགས་དངུལ་ལ་བརྟེན་རྒྱུ་ཉུང་དུ་གཏོང་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དཔྱ་དངུལ་འབུལ་འབབ་ལ་སྤར་ཆ་གནང་དགོས་སམ།
17. བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་ཀྱིས་དབང་ཆའི་ཆ་བགོས་ལ་ཁ་གསལ་འགྲེལ་བརྗོད་དང་རྩོད་རྙོག་རིགས་སེལ་རྒྱུའི་བརྒྱུད་ལམ་དགོས་སམ།
18. བཅའ་ཁྲིམས་ནང་རྒྱུད་རིགས་འདྲེས་མའི་བོད་མི་རྣམས་ལ་བོད་ཀྱི་ཡུལ་མིའི་ངོས་འཛིན་ཆ་ཚང་བྱེད་ཀྱི་ཡོད། དེ་ངོས་འཛིན་བྱེད་ཕྱོགས་ལ་ཚད་འཛིན་བྱེད་དགོས་པ་བསམ་གྱི་ཡོད་དམ།
19. བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞིས་བཞུགས་བོད་མི་ཚོའི་དགོས་མཁོ་དང་བསམ་ཚུལ་གཞིར་བཞག་ལས་འཆར་སྒྲིག་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད་དམ།
20. བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆ་རྐྱེན་ཚང་བའི་བོད་མི་ཚོས་རྒྱ་གར་གྱི་མི་སེར་ལེན་རྒྱུར་རྒྱབ་གཉེར་གནང་དགོས་པར་བསམ་གྱི་ཡོད་དམ།
21. བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་འགོ་ཁྲིད་ཀྱི་གནས་རིམ་ཚང་མའི་ནང་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་དང་ཕོ་མོའི་གྲངས་ཚད་ཆ་སྙོམ་ཡོང་ཐབས་ལ་སྒྲིག་འཛུགས་ཀྱིས་འབད་བརྩོན་ཆེ་རུ་གཏོང་དགོས་སམ།
22. སྨྲ་བརྗོད་རང་དབང་གི་ཐོག་ཆོས་བརྒྱུད་ཀྱི་དབུ་ཁྲིད་དང་བླ་མ་བླ་ཆེན་ཚོར་སྐྱོན་བརྗོད་བྱེད་རྒྱུ་ཕུད་དགོས་པར་མོས་མཐུན་བྱེད་ཀྱི་ཡོད་དམ།
23. ཆབ་སྲིད་ཀྱི་ཐག་གཅོད་ནང་ཆོས་སྐྱོང་སྲུང་མའི་བཀའ་ལུང་འདྲི་རྒྱུའི་ཆ་ཤས་དེ་དགོས་སམ།
24. ཕྲུ་གུ་སྲོག་སྐྱོབ་ཕྱིར་མངལ་ནས་ཕྱིར་དབྱུང་གི་བྱ་སྤྱོད་ལ་མོས་མཐུན་བྱེད་ཀྱི་ཡོད་དམ།
25. བོད་མིའི་སྤྱི་ཚོགས་ནང་བཙན་གཡེམ་དང་ཕོ་མོའི་དབྱེ་འབྱེད་དང་འབྲེལ་བའི་རྩུབ་སྤྱོད་རིགས་སྦས་གསང་མེད་པར་གོ་བསྡུར་བྱེད་དགོས་པར་བསམ་གྱི་ཡོད་དམ།
26. གཉེན་སྒྲིག་ནི་ཕོ་མོ་གཉིས་ཁོ་ནའི་དབར་བྱེད་དགོས་པ་ཞིག་ཡིན་ནམ།
27. དབུ་མའི་ལམ་གྱི་སྲིད་བྱུས་ལ་མོས་མཐུན་མ་བྱས་པ་དེས་ང་ཚོའི་སྤྱི་ཚོགས་ཀྱི་ཆིག་སྒྲིལ་ལ་གནོད་ཀྱི་ཡོད་པར་བསམ་གྱི་ཡོད་དམ།
28. བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་གཞིས་ཆགས་ཁག་ལ་རོགས་སྐྱོར་ཉུང་དུ་འགྲོ་སྲིད་མེད་ལ་མ་ལྟོས་པར་ཕྱི་རྒྱལ་ཡུལ་ཁག་ཏུ་གནས་སྡོད་བོད་མིའི་སྤྱི་ཚོགས་ཐོག་འགྲོ་གྲོན་མང་དུ་གཏོང་དགོས་པ་བསམ་གྱི་འདུག་གམ།
29. ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཤར་ཚེ་གནང་ཕྱོགས་ཐད་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཆར་གཞི་སྒྲིག་རྒྱུར་ནུས་ཤུགས་ཆེ་ཙམ་འདོན་དགོས་པར་བསམ་གྱི་ཡོད་དམ།
30. བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་དམ།
31. བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་དང་གྲོས་མོལ་ཡོང་ཆེད་ད་སྐབས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པའི་གནས་སྟངས་ལ་སྐྱོན་བརྗོད་བྱེད་མཚམས་བཞག་དགོས་སམ།
32. གཞན་མི་རིགས་ཞིག་རྩ་མེད་དུ་གཏོང་བའི་གནས་དོན་དང་། ཡང་མི་རིགས་དེའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྡལ་ཤིག་ཚབས་ཆེན་བྱུང་བ་ལྟ་བུ་རྒྱལ་སྤྱིའི་ཁྲིམས་འགལ་ཚབས་ཆེ་བྱུང་ཚེ་བོད་མིའི་སྒྲིག་འཛུགས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་གསལ་བསྒྲགས་སྤེལ་དགོས་སམ།
33. བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་དེ་བོད་རང་བཙན་བརྩོད་དགོས་པ་བསམ་གྱི་ཡོད་དམ།
34. བཙན་བྱོལ་བོད་མི་ཚོས་བོད་ནང་དུ་འགྲོ་སྐྱོད་བྱས་ན་བོད་ཀྱི་རང་དབང་འཐབ་རྩོད་ལ་གནོད་སྐྱོན་འབྱུང་ཉེན་ཡོད་དམ།
སྐད་ཡིག་དང་རིག་གཞུང་།
"བོད་མིའི་སྒྲིག་འཛུགས་ཀྱིས་སྲོལ་རྒྱུན་སྒྱུ་རྩལ་དང་ཆབས་ཅིག་བོད་ཀྱི་དེང་རབས་སྒྱུ་རྩལ་ཐོག་ལའང་རྒྱབ་སྐྱོར་གནང་དགོས་སམ། ༼དགོངས་བཅངས་དགོས་པར་དེའི་ཐད་འགྲོ་གྲོན་འཕར་མ་གཏོང་དགོས་པ་ལ་བརྟེན་ནས་ཕྱོགས་གཞན་ཐོག་འགྲོ་གྲོན་ཉུང་འཕྲི་བྱེད་དགོས་པ་ཡོང་སྲིད།༽"
གནས་ཚུལ་རྒྱས་པ།