༼ རྣམ་དཔྱོད་ལྡན་པའི་བོད་མིའི་འོས།༽ ནང་མཉམ་ཞུགས་གནང་བར་དགའ་བསུ་ཞུ།
བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུ་ཆེན་མོ་།
སྔོན་འགྲོའི་འོས་བསྡུ་ཟླ་བ་ ༢ ཚེས་ ༡ ཉིན་དང་དངོས་གཞིའི་འོས་བསྡུ་ཟླ་བ་ ༤ ཚེས་ ༢༦ ཉིན།ཁྱེད་རང་དང་བསམ་ཚུལ་མཐུན་པའི་འོས་མི་འཚོལ་ཞིབ་གནང་།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་ལས་འཆར་འདིས་གང་འདྲ་བྱས་ཏེ་ལས་ཀ་བྱེད་ཀྱི་ཡོད་དམ།
1. འོས་མི་ཚོས་རང་གི་བསམ་ཚུལ་བརྗོད་པ།
འོས་མི་ཚོས་སྲིད་བྱུས་ཀྱི་གནད་དོན་དང་འབྲེལ་བའི་དྲི་བ་ཁག་ ༣༣ ལ་ལན་འདེབས་གནང་དགོས།
2. འོས་འཕེན་པ་ཚོས་རང་གི་བསམ་ཚུལ་འཚོལ་བ།
འོས་འཕེན་པ་ཚོས་རྣམ་དཔྱོད་ལྡན་པའི་བོད་མིའི་འོས་བསྡུའི་དྲྭ་རྒྱའི་ཐོག་ཡོད་པའི་དྲི་བ་གཅིག་མཚུངས་དེ་དག་ལ་ལན་འདེབས་གནང་དགོས།
3. ཁྱེད་རང་གི་བསམ་ཚུལ་དང་མཐུན་པའི་འོས་མི་འཚོལ་བ།
རྣམ་དཔྱོད་ལྡན་པའི་བོད་མའི་འོས་ཀྱི་དྲ་ཚིགས་ཀྱིས་འོས་མི་རྣམ་པའི་ལན་དང་ཁྱེད་རང་གི་འོས་ལེན་འདེབས་གནང་བ་རྣམས་ཞིབ་བསྡུར་བྱས་ཏེ་ཁྱེད་ཀྱི་བསམ་ཚུལ་དང་མཐུན་ཤོས་ཀྱི་འོས་མི་ངོས་འཛིན་གྱི་ཡོད།
དྲི་བ་ཁག་ལ་གསན་པ་ཞུ།
ང་ཚོས་༼རྣམ་དཔྱོད་ལྡན་པའི་བོད་མིའི་འོས།༽ཀྱི་དྲི་བ་ཁག་སྒྲ་འཇུག་ཞུས་པ་ཆ་ཚང་སྒྲ་སྒམ་མམ་Soundcloud ནས་ཕབ་ལེན་ཞུ་ཐུབ།
ང་ཚོ་སུ་རེད་དམ།
རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ནི་དམངས་གཙོའི་ལས་འཆར་ཞིག་ཡིན། ལས་འཆར་འདི་༢༠༠༣ ལོར་སུད་སི་རྒྱལ་ཁབ་ནང་Politools ནས་གསར་སྐྲུན་ཞུས་པ་ཞིག་རེད། ང་ཚོའི་སྐོར་ངོ་སྤྲོད།